格萨尔王-文本歌词

格萨尔王-文本歌词

江永土登
发行日期:

གེ་སར་རྒྱལ་པོ། 格萨尔王 ཚིག། ཚུལ་ཁྲིམས་རྒྱམ་མཚོ་། 作词:次成江措 དབྱངས། བཀྲ་ཤིས་དར་རྒྱས། 作曲:扎西达杰 གླུ་བ། འཇམ་དབྱངས་ཐུབ་བསྟན། 原唱:江永土登 གླུ་ཨ་ལ་ལ་མོ་ཨ་ལ་རེད།། ཕོ་ང་དང་ང་ངོ་མ་ཤེས་ན།། ང་འཛམ་གླིང་གེ་སར་རྒྱལ་པོ་ཡིན།། ཨ་ཧ། རྒྱལ་པོ་ཡིན།། གོང་མའི་ལྷ་ནས་བཀོས་ལེ་ཡིན།། ཨོ་རྒྱན་པདྨའི་རྒྱལ་ཚབ་ཡིན།། སྐྱེས་པ་ཕོ་ཡི་དགྲ་ལྷ་ཡིན།། ཟ་མ་མོ་ཡི་ཟས་ལྷ་ཡིན།། དབུ་ནག་མི་ཡི་སྐྱབས་དགོན་ཡིན།། ཕྱོགས་བཞི་དགྲ་བཞི་འདུལ་མི་ཡིན།། སྔ་དྲོ་བསད་ཀྱི་ཤན་པ་ཡིན།། ཕྱི་དྲོ་འདྲེན་གྱི་བླ་མ་ཡིན།། གླུ་ཨ་ལ་ལ་མོ་ཨ་ལ་རེད།། གླུ་ཐ་ལ་གླུ་ཡིས་ལེན་ལུགས་རེད།། གླུ་ཨ་ལ་ངག་གི་འགུག་ལུགས་རེད།།དེ་རིང་བཀྲ་ཤིས་ཉི་མ་ཤར།། རྒྱལ་པོ་སྨོན་ལམ་འདི་འདྲ་ཡོད།། བསོད་ནམས་ལོངས་སྤྱོད་རྒྱས་པ་དང་།། དངོས་གྲུབ་ཆར་བཞིན་འབབ་པ་ལ།། རྒྱ་གར་རྒྱལ་པོ་ཆོས་གཡང་ཁུག་།། རྒྱ་ནག་རྒྱལ་པོ་ཁྲིམས་གཡང་ཁུག། སྐུ་རྒྱལ་བོད་ཀྱི་རྒྱུ་གཡང་ཁུག། གཡང་འདི་མ་ཉམས་བཀྲ་ཤིས་ཤོག། གླུ་ཨ་ལ་ལ་མོ་ཨ་ལ་རེད།། གླུ་ཐ་ལ་གླུ་ཡིས་ལེན་ལུགས་རེད།། གླུ་ཨ་ལ་ངག་གི་འགུག་ལུགས་རེད།།སོག་པོ་རྒྱལ་པོ་ཏ་གཡང་ཁུག། སྟག་གཟིག་རྒྱལ་པོ་ནོར་གཡང་ཁུག། བལ་བོ་རྒྱལ་པོའི་ལུག་གཡང་ཁུག། འབེ་ར་རྒྱལ་པོ་ར་གཡང་ཁུག། གཡང་གི་ར་བ་སྒོ་བཞི་འདི།། གངས་ཅན་བོད་ཀྱི་གཡང་ནོར་ཡིན།། འཁོར་བ་ཆགས་ཀྱི་གཞི་མ་ཡིན།། གཡང་འདི་མ་ཉམས་བཀྲ་ཤིས་ཤོག། གླུ་ཨ་ལ་ལ་མོ་ཨ་ལ་རེད།། གླུ་ཐ་ལ་གླུ་ཡིས་ལེན་ལུགས་རེད།། གླུ་ཨ་ལ་ངག་གི་འགུག་ལུགས་རེད་།།མེ་ལོང་རྒྱལ་པོ་གསེར་གཡང་ཁུག། ཨ་གྲག་རྒྱལ་པོ་གཟི་གཡང་ཁུག། མི་ནུབ་རྒྱལ་པོ་དར་གཡང་ཁུག། འདན་ཁྲི་དཀར་རྒྱལ་པོ་འབྲུ་གཡང་ཁུག། ནོར་བུ་གཏེར་ཁ་འདི་དག་ལ།། ཉམས་རྒུད་མེད་པའི་བཀྲ་ཤིས་ཤོག། མི་ལ་ཚེ་ཡི་བཀྲ་ཤིས་ཤོག། ཕྱུགས་ལ་གཡང་གི་བཀྲ་ཤིས་ཤོག། གླུ་ཨ་ལ་ལ་མོ་ཨ་ལ་རེད།། གླུ་ཐ་ལ་གླུ་ཡིས་ལན་ལུགས་རེད།། གླུ་ཨ་ལ་ངག་གི་འགུག་ལུགས་རེད།།