红尘水波-文本歌词

红尘水波-文本歌词

格泽卓玛拉吉
发行日期:

སྣང་བའི་ཆུ་རིས། 红尘水波 ཚིག རི་ཕྱོར་བ་སྟོབས་ལྡན་རྒྱལ། 作词:日旭·多旦加 དབྱངས ཐང་ནག 作词:黑雕 ལེན་མཁན དགེ་བཟའ་སྒྲོལ་་མ་ལྷ་སྐྱིད 演唱:格泽·卓玛拉吉 ལས་ཀྱི་རྨི་ལམ་ནང་དུ།། 缘分幽梦境 གསེར་གྱི་ལྗོན་པ་བཞད་སོང་།། 金树绽华光 ཡལ་ཀ་ཕར་ལ་ཤིག་ཤིག 枝摇叶纷舞 ལོ་མ་ཚུར་ལ་ལྡེམ་ལྡེམ།། 逸韵久悠扬 སྣང་བའི་རྣམ་ཤེས་ཕྲ་མོ།། 红尘印孤魂 འཁྱག་རེངས་དགུན་ཟླས་དྲངས་ཡོད།། 寒晶碎影长 དྲན་གདུང་འོད་ཀྱི་ཐིག་ལེས།། 幽思满心伤 སེམས་ཀྱི་སྒེའུ་ཁུང་བརྟོལ་སོང་།། 幽思满心伤 དྲན་གདུང་འོད་ཀྱི་ཐིག་ལེས།། 寒晶碎影长 སེམས་ཀྱི་སྒེའུ་ཁུང་བརྟོལ་སོང་།། 幽思满心伤 སེམས་ཀྱི་གུར་ཁང་ནང་དུ།། 心帷之深处 ཚིག་གི་བྲག་རི་བཞེངས་སོང་།། 语砌如崇山 ཕར་བཤད་རྡོ་བ་བསྒྲིགས་བསྒྲིགས།། 言辞如石落 ཚུར་བཤད་ཨ་ལོང་སྒྲིལ་སྒྲིལ།། 转语意难休 ལས་སྐལ་ཆུ་ཤེལ་ཟླ་བ།། 缘似晶轮月 མཚན་གྱི་མུན་པས་གཡོགས་ཡོད།། 沉沦暗夜幽 ཕྱི་ཐག་གཙང་ཚབ་སྔོན་མོས།། 情同江河水 ལོ་ཟླ་འཕྲེད་ཀྱི་བཅད་སོང་།། 岁月断清流 ཕྱི་ཐག་གཙང་ཚབ་སྔོན་མོས།། 情同江河水 ལོ་ཟླ་འཕྲེད་ཀྱི་བཅད་སོང་།། 岁月断清流 ཕྱི་ཐག་གཙང་ཚབ་སྔོན་མོས།། 情同江河水 ལོ་ཟླ་འཕྲེད་ཀྱི་བཅད་སོང་།། 岁月断清流